Friday, 17 May 2013

རིག་མཛོད་ཆེད་ཝི་གླེང་ཕབས་ལེན་བྱ་སྟངས།

དེ་རིང་འདིར་ཞུ་རྒྱུ་ནི་ཝི་གླེང་སྟེགས་སྐོར་ཡིན། ལོ་འཁོར་མོ་གཉིས་ཙམ་འདས་བཞིན་པའི་རིང་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་རིགས་རྣམས་ཀྱིས་ཝི་གླེང་སྟེགས་སམ་(Wechat) བེད་སྤྱོད་གཏོང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འདི་ལ་ཕན་གནོད་གཉིས་སུ་ཡོད་པའི་ནང་ནས་ཕན་ཡོན་ནི་ཆེས་མགྱོགས་པོ་དང་སྤྱོད་སྒོ་ཆེ་བ། སྟབས་བདེ་བ་དང་རིན་པ་མི་དགོས་པ་སོགས་རེད།
གནོད་པའི་ཆ་ནི་རང་ཉིད་ཀྱིས་སོ་སོའི་དགའ་ཉེ་གྲོགས་པོ་དང་འབྲེལ་ཡོད་སོགས་ཀྱི་ཆར་སྐད་ཆ་གང་བཤད་པ་རྣམས་ཝི་གླེང་སྟེགས་དྲ་བའི་མ་ལག་ལས་ཁུངས་སུ་(རྒྱ་ནག་ཏུ་ཡོད)རང་འགུལ་གྱིས་ཉར་གྱིན་ཡོད་པས། གལ་སྲིད་ཁྱེད་རང་ལ་ཝི་གླེང་སྟེགས་སུ་ཞུགས་པའི་ཉིན་ནས་ཁྱེད་ཀྱིས་
ད་བར་སྐད་ཆ་གང་བཤད་དང་ཡིག་ཆ་རིགས་གང་བཏང་བ་རྣམས་སྐར་ཆ་གཅིག་གི་ནང་སྟོན་དགོས་ན་རིག་མཛོད་ཡིག་ཚག་(CPU Database) ནས་སྟོན་ཆོག་ཆོག་ཏུ་ཉར་ཡོད།
བེད་སྤྱོད་སྟངས་སྐོར་ཞུས་ན། མང་པོ་ཞིག་གིས་ཁ་པར་དང་ ipad, ipod ནང་ཁོ་ན་ལས་རིག་མཛོད་ (Computer) ནང་དུ་ཝི་གླེང་སྟེགས་བཟོ་རྒྱུ་ཡོད་པ་མི་མཁྱེན་མཁན་མང་པོ་ཞིག་ཡོད་པར་སེམས། དེར་བརྟེན་ད་ལན་ཁོ་བོས་རིག་མཛོད་སྒེའུ་ཁུངས་རྟགས་ཅན་(Windows)ནང་དུ་ཝི་གླེང་སྟེགས་བཟོ་སྟངས་ངོ་སྤྲོད་ཞུ་རྒྱུ་ཡིན།
ཐོག་མར་ཁྱེད་ཀྱིས་ཝི་གླེང་སྟེགས་ལ་མཁོ་བའི་དྲ་འབྱེད་མཉེན་ཆས་ཞིག་ཕབས་ལེན་བྱ་དགོས། དེའི་མིང་ལ་བོད་སྐད་དུ་སྒྱུར་ན་“རྩེག་པ་སྔོན་པོ་” (BlueStacks) ཟེར་དགོས་པ་འདྲ་སྟེ་ཕབས་ལེན་འདི་ནས་གནང་དགོས། འདི་ནི་ཁ་པར་དང་ཨི་པེཌ་སོགས་ལ་ཡོད་པའི་རྒྱུན་བཀོལ་མཉེན་ཆས་སམ་ (apps) མཛོད་ཁང་དང་གཅིག་པ་རེད། ཟུར་ཀྱི་པར་རིས་ལྟར་སོ་སོར་གང་དགོས་གདམས་ནས་ཕབས་ལེན་གནང་དགོས། ཕབས་ཟིན་པའི་མཉེན་ཆས་ནང་འཇུག་སྐབས་དྲ་འབྱེད་མཉེན་ཆས་ googlechrome སོགས་ལྟར་གསང་ཨང་སོགས་གང་ཡང་མེད། འོན་ཀྱང་ནང་འཇུག་སྐབས་སུ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འཇུག་དགོས་སྟབས་དེ་ནི་ནམ་རྒྱུན་ཁྱེད་ཀྱིས་སྤྱོད་བཞིན་པའི་ཝི་གླེང་སྟེགས་ཀྱི་ཁ་བྱང་དེ་རང་བེད་སྤྱོད་ན་འགྲིག དེའི་མཇུག་གྲུབ་རྗེས་ཁྱེད་རང་རྒྱུན་བཀོལ་
མཉེན་ཆས་མཛོད་ཁང་ (Appstore) དུ་སླེབས་ཡོད། དེའི་ནང་ནམ་རྒྱུན་བཞིན་ཝི་གླེང་སྟེགས་དང་། ཀ་ཀའོ་(Kakao)། ལིའིན་ (LINE)། ཏྲང་གོ (Tango)། ཁིའུ་ཁིའུ (QQ)། སོགས་ཁྱེད་ཀྱི་འདོད་མོས་ལྟར་ཕབས་ལེན་བྱེད་རྒྱུ་ཡོད། ཝི་གླེང་སྟེགས་སོགས་ནང་འཇུག་བྱ་སྟངས་ནི་ནམ་རྒྱུན་ལྟར་གལ་ཏེ་ཁྱེད་ལ་ཝི་གླེང་སྟེགས་སོགས་ཀྱི་ཁ་བྱང་མེད་ན་གསར་བཟོ་བྱེད་པ་དང་། གལ་ཏེ་ཡོད་ཚེ་ནམ་རྒྱུན་ཁ་པར་ནང་ལྟར་དེ་རང་བེད་སྤྱོད་ན་ཁ་འབྱེད་ཐུབ། །
Enjoy with it

No comments:

Post a Comment

Be happy