Tuesday, 27 March 2012

Key Logger བཀོལ་སྤྱོད་གསང་ཉར་ལྡེའུ་མིག

འདི་ནི་བཀོལ་སྤྱོད་གསང་ཉར་བྱེད་མཁན་གྱི་མཉེན་ཆས་གལ་ཆེན་ཞིག་རེད། གསང་ཉར་ལྡེའུ་མིག་ཅེས་བསྒྱུར་ན་ཕལ་ཆེར་དོན་དུ་འཐད་པར་མངོན། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་ Keygen ཞེས་པར་བེད་སྤྱོད་དགོས།  keygen བེད་སྤྱོད་སྟངས་བདག་གི་ཟིན་བྲིས་ངོས་ཀྱི་(མཉེན་ཆས་བེད་སྟངས་སྐོར་གྱི་ཤེས་བྱ) ཞེས་པར་གཟིགས་ནས་ཕྱག་སྟར་གནང་རོགས། ཁྱེད་ཀྱིས་རིག་མཛོད་དུ་ནང་འཇུག་ཡོངས་སུ་གྲུབ་རྗེས་གསང་བའི་ལྡེའུ་མིག་དང་ཉེ་ལམ་བཀོལ་སྤྱོད་ (short cut) སོགས་རང་གི་འདོད་པ་ལྟར་བཟོ་ཆོག དེ་རྗེས་ཁྱེད་ཀྱིས་འགོ་འཛུག་ཞེས་པར་མནན་རྗེས་ལས་ཀ་ནི་སྐབས་དེ་ནས་བཟུང་ཁྱེད་ཀྱི་རིག་མཛོད་དུ་ལས་ཀ་ཅི་ཞིག་བྱས་པ་དང་བཀོལ་སྤྱོད་གང་ཞིག་བྱས་པ མི་སུ་ཞིག་གིས་བེད་སྤྱད་པ་སོགས་ཡོད་ཚད་གསང་ཉར་བྱེད་ཀྱི་རེད། ཐ་ན་ཁྱེད་ཀྱི་རིག་མཛོད་ཀྱི་མཛུབ་གནོན་ཐེངས་ཞིག་འགུལ་ནའང་གསང་ཉར་བྱེད་ཀྱི་རེད། ཕྱིས་སུ་ཁྱེད་ཀྱིས་བཟོས་ཟིན་པའི་གསང་ཚིག་བརྒྱག་ནས་ཁ་འཕྱེ་ཚེ་ Log view སོགས་མནན་ན་ཡོད་ཚད་ཁྱེད་ལ་སྟོན་ཐུབ། འོན་ཀྱང་ཁྱེད་ཉིད་ Logging setting སོགས་ནས་ཆེད་སྒྲིག་གིས་གང་ཞིག་གསང་ཉར་དགོས་མིན་སྒྲིག་ཆོག་པས་གང་མོས་གཟིགས་རོགས། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to Download it.

Password remover རིག་མཛོད་གསང་ཟྭ་གཏོར་བྱེད།

འདི་ནི་མི་རྣམས་ཀྱིས་སོ་སོའི་་རིག་མཛོད་འཕྲུལ་ཆས་ལ་ནམ་རྒྱུན་མི་གཞན་གྱིས་གང་བྱུང་དུ་བེད་སྤྱོད་མི་ཐུབ་ཆེད་ཟྭ་རྒྱག་གི་ཡོད་ལ། སྐབས་འགར་ཟྭ་ཡི་གསང་གྲངས་བརྗེད་ནས་སྒོ་འབྱེད་མི་ཐུབ་པའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ལྟར། སྐབས་དེར་ཁྱེད་ཀྱིས་བེད་སྤྱོད་ནས་གསང་ཟྭ་གཏོར་བྱེད་ཅིག་ཡིན། ཕབས་ལེན་བྱས་རྗེས་བེད་སྟངས་ནི། མཉེན་ཆས་འདི་ཉིད་ཁྱེད་ཀྱིས་སྟབས་བདེའི་མཐུད་སྡེར་ (USB disc or Pen driver) གང་རུང་ནང་དུ་ཉར་དགོས། ཐོག་མར་ཁྱེད་ཀྱིས་རིག་མཛོད་ཁ་འབྱེད་སྐབས་འགུལ་སློང་ངམ་ boot ཞེས་པར་བེད་སྤྱོད་ནས་གོང་གི་མཉེན་ཆས་ཡོད་པའི་སྟབས་བདེའི་མཐུད་སྡེར་

Angry Bird Game རྩེད་ཆས་བྱིའུ་གཏུམ་པོ།

འདི་ནི་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་རྣམས་སུ་དར་ཁྱབ་ཆེ་བའི་རིག་མཛོད་རྩེད་འཕྲུལ་མཉེན་ཆས་“བྱིའུ་གཏུམ་པོ”ཞེས་པ་དེ་རེད། ཕབས་ལེན་བྱས་པའི་མཉེན་ཆས་མཉམ་དུ་ Patch ཞེས་པ་དེ་ཡོད་པས་ཐབས་ལམ་གང་དགོས་ཟུར་གྱི་(མཉེན་ཆས་བེད་སྟངས་སྐོར་གྱི་ཤེས་བྱ) ཞེས་པར་གཟིགས་ནས་ཐབས་ལམ་རྣམས་བརྒྱུད་རོགས། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download.