Header

Saturday 6 April 2013

Artisteer 4.1.0 དྲ་རྒྱ་བཟོ་བྱེད་རྒྱུ་རྩལ་སྣེ་འཛོམས་ཐོན་རིམ་ 4.1.0 ཅན།



དེང་སང་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཆེས་མང་པོ་རེད་ལ། དེ་བཞིན་བོད་ཡིག་གི་དྲ་རྒྱ་གཉེར་མཁན་དང་ཟིན་བྲིས་འབྲི་མཁན་ཡང་ལོ་རེ་ནས་མང་དུ་འགྲོ་བཞིན་ཡོད། དེ་དང་མཚུངས་རིན་མེད་ཟིན་བྲིས་ Blogger, Wordpress གཉེར་མཁན་ཡང་མང་པོ་ཡོད་པ་ནས་ཚད་ལྡན་སྒེར་བདག་ཟིན་བྲིས་ལྟ་བུའི་ས་མིག་སྐོང་ཐུབ་མཁན་གང་མང་ཞིག་ལས་དཔེར་མཚོན་ལེགས་ཤོས་ནི། བྱ་སྒྲོ་དཀར་པོའི་རྨི་ལམ་དང་། བོད་ཀྱི་རོལ་དབྱངས་གླིང་སོགས་རེད།
དྲ་རྒྱའི་ཤེས་ཡོན་ཀྱི་སྣེ་མོ་བོད་པའི་སྤྱི་ཚོགས་ཁྲོད་བསྲིང་བའི་སྐབས་དང་བསྟུན་ང་ཚོས་སོ་སོའི་ཤེས་ཡོན་དང་དཔགས་པའི་དྲ་གནས་དང་རིག་མཛོད་ལག་རྩལ་གང་ཡོད་རྣམས་ཕན་ཚུན་སློབ་རེས་དང་བསམ་བློ་བརྗེ་རེས་བྱ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་། དེ་བཞིན་རྒྱ་ཆེན་མིན་ལ་མ་ལྟོས་པར་རང་གིས་གང་ཤེས་པ་དེ་སོ་སོའི་སྤྱི་ཚོགས་ནང་ལྷག་བསམ་རྣ་དག་གིས་ཞབས་འདེགས་ཞུས་པ་ཡིན་ན་གང་མཚམས་ཞིག་ཕན་ཐོག་གི་རེད་དྲན། དཔེར་ན་ལོ་སྔོན་མར་འགོ་བཙུག་པའི་བདག་གི་རིན་མེད་མཉེན་ཆས་ཕབས་ལེན་དྲ་གནས་(ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བ)ལ་ཕེབས་མཁན་ད་བར་སྟོང་ཕྲག་བཞི་མ་ཟིན་ཙམ་ཞིག་ལས་ཐེངས་ཉིས་སྟོང་དྲུག་བརྒྱ་ལྷག་ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བ་ནས་རིན་མེད་མཉེན་ཆས་ཕབས་ལེན་བྱས་ཡོད། མི་བུ་དེ་དག་གིས་བོད་སྐད་དང་བོད་ཡིག་གི་ལམ་ནས་ངའི་མཉེན་ཆས་ཕབས་ལེན་བྱེད་ཀྱི་ཡོད་སྟབས་དངོས་གནས་སེམས་པ་དགའ་འོས་པ་ཞིག་རེད། ཕྲན་གྱིས་འདི་ཕྱོགས་ནས་སློབ་གསེང་རྣམས་སུ་དུས་ཚོད་བེད་སྤྱད་དེ་རིན་མེད་མཉེན་ཆས་གང་མང་ཞིག་དྲ་ཐོག་ཏུ་བོད་འགྲེལ་དང་བཅས་ཏེ་འཇོག་ཐབས་བྱེད་ཀྱི་ཡོད་པ་ནི། གཅིག་ནས་སོ་སོའི་སྐད་དང་ཡི་གེའི་ལམ་ནས་དེང་རབས་ཀྱི་ཤེས་ཡོན་སྦྱོང་ཐབས་དང་། གཉིས་ནས་གང་ཟག་ཡོད་ཚད་ཕྱུག་པོ་དང་འབྱོར་བ་ཅན་མིན་སྟབས་གལ་སྲིད་མཉེན་ཆས་ཡག་པོ་ཞིག་ལག་ཏུ་རག་ཚེ་ལམ་སང་རིན་མེད་དུ་བཟོ་ནས་ལྷག་བསམ་རྣམ་དག་ངང་བོད་རིགས་དྲ་གྲོགས་ཚོར་འབུལ་ཐབས་ཞུ་བཞིན་ཡོད། འདི་ནི་ཕྲན་རང་ཉིད་འཕྲུལ་རིགས་ལ་མཁས་པའམ་ཡང་ན་དུས་ཚོད་མི་འཁྱོལ་བ་དེ་འདྲ་གཏན་ནས་མིན་པར་སོ་སོའི་གང་ཤེས་པ་དེ་མི་ལ་སྤེལ་ཐུབ་པའི་མིག་དཔེ་ཞིག་ཆགས་ན་སྙམ་བཞིན་ཡོད། དཔེར་ན་འོག་ཏུ་ངོ་སྤྲོད་ཞུས་པའི་མཉེན་ཆས་དེ་ཡུ་རུབ་ཁུལ་དུ་ཁྲོམ་ར་ནས་ཉོ་དགོས་ན་ཇི་ལྟར་ཁེ་པོ་རག་ཀྱང་མ་མཐར་ཡུ་སྒོར་ ༨༠ ནས་ཡར་རེད།
དེ་རིང་ངོ་སྤྲོད་ཞུ་རྒྱུའི་མཉེན་ཆས་དེ་ནི་དྲ་རྒྱ་བཟོ་བསྐྲུན་བྱེད་ཐབས་ཀྱི་མཉེན་ཆས་ཨར་ཊིས་ཊེར་ཐོན་རིམ་ 4.1.0 (Artisteer 4.1.0)ཅན་དེ་རེད། སྤྱིར་དྲ་རྒྱའི་
མཛེས་བཀོད་བཟོ་བར་ HTML, RSS སོགས་ཆེས་མགོ་རྙོག་པོ་མང་པོ་ཞིག་སྦྱོང་དགོས་སྟབས་ལས་སླ་པོ་ཞིག་ཁྱོན་ནས་མེད། འོན་ཀྱང་ད་ལན་ངོ་སྤྲོད་ཞུ་བཞིན་པའི་མཉེན་ཆས་འདི་བེད་སྤྱད་ན་གོང་གི་ HTML སོགས་གཏན་ནས་མི་ཤེས་ནའང་ཁྱེད་ཀྱིས་སོ་སོའི་ཟིན་བྲིས་ཀྱི་བཀོད་པ་དང་མཛེས་ཆ་གང་འདོད་ལྟར་བཟོ་ཐུབ། མཉེན་ཆས་འདིའི་མཉམ་དུ་གསང་ཟ་ཡང་བཏང་ཡོད་པས་དེ་ལུགས་བཀོལ་ཚེ་མཉེན་ཆས་འདི་ཁྲོམ་ར་ནས་ཉོས་པའི་མཉེན་ཆས་སྤྱི་མཚུངས་ལྟར་བེད་སྤྱོད་ཆོག མཉེན་ཆས་འདིའི་ལམ་ནས་ཁྱེད་ཀྱིས་སོ་སོའི་ཟིན་བྲིས་ཀྱི་ཇུས་འགོད་དགེ་རྒན་སོགས་ལ་བརྟེན་མི་དགོས་པར་ལས་སླ་པོའི་ཐོག་ནས་མཁྱེན་གྱི་རེད། འདིའི་ལམ་ནས་དྲ་རྒྱ་ཇི་ལྟར་བཟོ་དགོས་མིན་གྱི་དཔེ་རིས་སྟབས་བདེ་ཞིག་ཀྱང་མཉེན་ཆས་མཉམ་དུ་ཕུལ་ཡོད་པས་དེར་གཟིགས་ནས་ཚོད་ལྟ་གནང་ན་འགྲིག འདིར་གལ་ཆེན་ཞུ་དགོས་པ་ཞིག་ལ་ཐོག་མར་ཁྱེད་ཀྱིས་ཚོད་ལྟ་གནང་ཡུལ་དུ་ཟིན་བྲིས་གསར་པ་ཞིག་བཟོ་ནས་དེར་སྦྱོང་ན་ལེགས། དེ་རྗེས་ཇི་ལྟར་དགོས་མིན་མཁྱེན་རྗེས་ད་གཟོད་སོ་སོའི་ཟིན་བྲིས་དྲ་བའི་སྡེ་ཚན་དང་གཞིགས་ནས་ཇུས་འགོད་མཛེས་རྩལ་བསྐྲུན་ན་ཉེས་ཚབ་གང་ཡང་མེད།
འཆར་ཅན་ལྟར་མཉེན་ཆས་འདི་ཕབས་ལེན་བྱས་རྗེས་ཁ་མ་བསྔོག་སྔོན་དུ་དུག་འགོག་དང་དྲ་རྒྱ་གནས་སྐབས་འགོག་ན་ལེགས། ནང་འཇུག་ཚར་རྗེས་རང་འགུལ་གྱིས་གསང་ཨང་སྤྱོད་ས་འཆར་བའམ་ཡང་ན་file ནས་ Activation ཞེས་པར་གསང་ཨང་འཇུག་དགོས།
Click here to download འདིར་གནོན་ནས་ཕབས་ལེན་གནང་རོགས། 

4 comments:

  1. This comment has been removed by the author.

    ReplyDelete
  2. མཉེན་ཆས་འདི་དེ་སྔོན་དྲ་ཚིགས་གཞན་གྱི་ཐོག་རགས་ཐབས་མང་པོ་བྱེད་ཀྱང་རགས་པ་རྣམས་གསང་ཟ་མེད་པ་ཤ་གཅིག་རེད་འདུག །ད་རེས་ཁྱེད་ཀྱིས་ངོ་སྤྲོད་དང་ཕབས་ལེན་དུ་བཞག་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཡང་ཞུ།

    ཐད་ཀར་ཕབས་ལེན་མ་བྱེད་པའི་སྔ་རོལ་དུ་རྩོམ་འདི་ཀློག་དུས་ངའི་སེམས་ཀྱི་སྐད་ཆ་ཞིག་ཁྱེད་ཀྱི་ཆད་ཀྱི་ཡོད་པའི་འཚོར་བ་ཞིག་བྱུང་། སེམས་བསམ་པའི་སྐད་ཆ་དངོས་བདེན་རེད། མཐུན་གྲོགས་ལགས།

    ReplyDelete
  3. འདིས་གསང་ཨང་གང་དུ་ཡོད་རེད་་་འདིས་ནང་འདི་གསུམ་འདུག་་་་Artisteer.4.1.0.59861་་་་་་crack full་་་་་Instraction་་་་་

    ReplyDelete
  4. འདིས་ནང་བཟོ་ན་ཡང་་་save བཟོ་མི་ཐུབ་པའི་ཅི་ཡི་མིན་ཤེས་པའི་ཐབས་ཤེས་ཞིག་གནང་རོག

    ReplyDelete

Be happy