Thursday, 20 September 2012

Windows Vista Activator. སྒེའུ་ཁུངས་ Vista ཅན་གྱི་གསང་ཟ།

འདི་ནི་ Vista སྒེའུ་ཁུང་རྟགས་ཅན་གྱི་གསང་ཟ་འབྱེད་བྱེད་རེད། དེའང་ཁྱེད་ཀྱི་རིག་མཛོད་ཀྱི་སྒེའུ་ཁུང་ Vista ཡི་རིགས་ཡིན་ཚེ། མཚམས་མཚམས་སུ་ལྕོག་ངོས་ནག་པོར་འགྱུར་ནས་གང་འདོད་ཀྱི་པར་ངོས་སོགས་འཆར་མི་ཐུབ་པ་མ་ཟད། དེས་རྐྱེན་པས་ཡུན་རིང་རྗེས་སུ་ཁྱེད་ཀྱི་རིག་མཛོད་ཐོག་ལས་ཀ་གནང་བར་འགོག་རྐྱེན་བཟོ་ཡི་རེད། དེའི་སྐབས་སུ་ཁྱེད་ཀྱིས་མཉེན་ཆས་འདི་ཕབས་ལེན་གནང་སྟེ། ནང་འཇུག་བྱ་ན་སྔར་རྒྱུན་ལྟར་ཁྱེད་ཀྱི་རིག་མཛོད་ཀྱི་ན་ཚ་གཙང་སེལ་ཐོག་ལྕོག་ངོས་རྣམས་བཀྲ་མདངས་དང་ལྡན་པར་ཡོང་གི་རེད། འདི་ནི་སྟབས་བདེའི་མཉེན་ཆས་ཡིན་པས་གསང་ཟ་སོགས་གང་ཡང་མེད། 
Click here འདིར་གནོན་ནས་ཕབས་ལེན་བྱ་སོགས། to download 

གལ་ཆེའི་གསལ་བསྒྲགས། important NOTIFICATION


བདག་གི་ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བར་ཕེབས་མཁན་རྣམས་ལ་འཚམས་འདྲི་བཀྲིས་བདེ་ལེགས་དང་ཆབས་ཅིག་གསར་བསྒྲགས་ཐུང་ངུ་ཞིག་ཞུ་རྒྱུ་ལ། 
བདག་གི་དྲ་ངོས་སུ་ཡོད་པའི་མཉེན་ཆས་རྣམས་ཚོང་རར་རྒྱུག་ཆེ་བའི་རིགས་མང་ལ་ལྷག་པར་ཐོན་རིམས་གསར་པ་རྣམས་དུས་ནས་དུས་སུ་དྲ་ངོས་སུ་སྤེལ་བཞིན་ཡོད། འོན་ཀྱང་འགའ་ཞིག་གིས་བེད་སྤྱོད་སྟངས་མ་མཁྱེན་པའི་དབང་གིས་ཕབས་ལེན་བྱེད་མི་ཐུབ་པ་དང་། གལ་སྲིད་ཐུབ་ཀྱང་ཚད་ལྡན་མི་ཡོང་བ་སོགས་ཀྱི་སྐུ་ངལ་འཕྲད་ཀྱི་ཡོད་པའི་གནས་བྲིས་མང་པོ་ཞིག་འབྱོར་བྱུང་སྟབས་ད་ལན་གསལ་བཤད་འདི་ཞུས་པ་ཡིན། 
༡) མཉེན་ཆས་རིགས་ཕབས་ལེན་མ་བྱས་པའི་སྔོན་དུ་བདག་གི་དྲ་ངོས་ཀྱི་གཡོན་ཕྱོགས་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེས་བྱ)ཞེས་པའི་རྩོམ་ལ་ངེས་པར་དུ་གཟིགས་སོགས། 
༢) ཕབས་ལེན་གནང་རིང་ཁྱེད་ཀྱི་དུག་འགོག་མཉེན་ཆས་སྐར་ཆ་ཁ་ཆས་རིང་འགོག་དགོས། དེ་ནི་དེ་སྔོན་གསལ་བཤད་ཞུས་པ་ལྟར་བདག་གི་དྲ་ངོས་སུ་ཡོད་པའི་མཉེན་ཆས་རིགས་མང་པོ་ཞིག་ཚོང་རར་ཤིན་ཏུ་གོང་ཆེན་ཡིན་སྟབས། བདག་གིས་འདི་ནས་གཞན་ཕན་གྱི་ཀུན་སློང་ཆུང་ངུ་ཞིག་ལ་བསམ་སྟེ་ཚོང་རའི་ཁྲིམས་མཐུན་མིན་པའི་གསང་ཟ་དང་མཉམ་དུ་བཏང་ཡོད་པས། ཕབས་ལེན་བྱེད་ཚེ་དུག་འགོག་གིས་གསང་ཟ་ཡོད་ཚད་དུག་རིགས་སུ་ངོས་འཛིན་ནས་ཕབས་ལེན་བྱེད་འཇུག་གི་མེད། 
༣) གལ་ཆེ་ཤོས་ཞིག་ལ་ཁྱེད་ཀྱི་རིག་མཛོད་དམ་གློག་ཀླད་དུ་བཙིར་ཆས་ (Rar, Zip) འདིའི་རིགས་གང་རུང་ངེས་པར་དུ་ཡོད་དགོས། རྒྱུ་མཚན་ནི་མཉེན་ཆས་ཡོངས་རྫོགས་འདི་ཚོ་གང་རུང་ནང་དུ་བཏང་ཡོད་སྟབས། གལ་སྲིད་ཁྱེད་ཀྱི་རིག་མཛོད་དུ་བཙིར་ཆས་འདི་དག་གང་རུང་མེད་ཚེ་ཕབས་ལེན་བྱས་ཟིན་པའི་མཉེན་ཆས་རྣམས་ཁ་གཏན་ནས་འབྱེད་རྒྱུ་མེད་ལ་བེད་སྤྱོད་མེད་པའི་གད་སྙིག་ཡིན།
༤) འདིར་ཡོད་པའི་མཉེན་ཆས་རིགས་བརྒྱ་ཆ་ ༩༠ ཙམ་སྒེའུ་ཁུང་རྟགས་ཅན་ (Windows) ཆེད་དུ་ཡིན་སྟབས་ཀུ་ཤུ་རྟགས་ཅན་ (Mac) སོགས་ལ་བེད་སྤྱོད་གཏོང་མི་ཐུབ། 
༥) མཉེས་ཆས་འོག་གི་“འདི་ནས་ཕབས་ལེན་གནང་”ཞེས་པར་མནན་རྗེས་གཟབ་ནན་དགོས་པ་ཞིག་ལ་རང་འགུལ་གྱིས་གསལ་བསྒྲགས་རིགས་ཀྱི་ཕབས་ལེན་ཀྱང་ཡོང་གི་ཡོད་སྟབས་གང་ཞིག་ཕབས་ལེན་གནང་བཞིན་པའི་མཉེན་ཆས་དེའི་མིང་ཡོད་པའི་ཕབས་ལེན་བསྟི་གནས་(Downlaod)ལས་འབེབ་དགོས། 
གང་ཞིག་ལ་སྐུ་ངལ་འཕྲད་ཚེ་གློག་འཕྲིན་ཁ་བྱང་ talktibet53@googlemail.com ཞེས་པའི་ཐོག་གསུང་ན་གང་ཐུབ་བཀའ་ལན་ཞུ་ཆོག 

ཞེས་ཤམ་བྷ་ལ་མཉེན་ཆས་ཕབས་ལེན་དྲ་བའི་གཙོ་སྒྲིག་པས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༠ ཉིན་ནུབ་ཕྱོགས་འབྲས་ལྡན་གྲོང་ནས། 
Enjoy with it