Friday, 29 June 2012

The Script of Zhang Zhung Marchung ཞང་ཞུང་སྨར་ཆུང་གི་ཡིག་གཟུགས་མཉེན་ཆས།

འདི་ནི་མི་ལོ་སྟོང་ཕྲག་གསུམ་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་བོད་གངས་ཅན་པའི་ཡི་གེའི་མ་ཕྱི་ཆེན་མོ་ཞང་ཞུང་སྨར་ཆུང་ཞེས་པ་དེ་རེད། ལོ་རྒྱུས་ཀྱི་གཉན་འཕྲང་གང་མང་ཞིག་ལ་བརྒྱུད་མཐར་ད་གཟོད་ཁ་བ་གངས་ཅན་པའི་སྐྱེས་བུ་རྣམས་ཀྱིས་ལོངས་སྤྱོད་རྒྱུའི་གོ་སྐབས་ཞིག་གཞི་ནས་ཤར་བ་སོང་། ཡིག་གཟུགས་འདི་ཉིད་མཉེན་ཆས་སུ་བཟོ་བསྐྲུན་པ་ནི་ཧི་མ་ལ་ཡའི་བོན་དྲ་ཚིག་གི་གཙོ་སྒྲུབ་པ་སྐུ་ཞབས་རིན་སྤུངས་ཚུལ་བསྟན་དང་ཨ་དཔལ་བཟང་རྣམ་གཉིས་རེད། 
མཉེན་ཆས་འདི་ཡིག་གཟུགས་མཉེན་ཆས་ཡིན་རྩང་ནང་འཇུག་སྐབས་སུ་གསང་ཨང་སོགས་གང་ཡང་མེད། ཕབས་ལེན་ཚར་རྗེས་ཡིག་སྣོད་ཁ་བསྔོག་ནས་ The script of Zhang Zhung Mar ཞེས་པ་དེ་པར་སློག་བྱ་ནས་རིག་མཛོད་ཀྱི་ Font ཞེས་པའི་ནང་འཇུག་དགོས། 
Here click འདིར་གནོན་ནས་ཕབས་ལེན་གནང་རོགས། to download it 
Enjoy with it

Sunday, 24 June 2012

Super Anti Spyware དུག་འགོག་མཉེན་ཆས་ཕྱོགས་བསྡུས།

འདི་བཀོད་པའི་མཉེན་ཆས་གསུམ་པོ་ནི་སྐད་གྲགས་དང་དེང་དར་ཁྱབ་ཆེ་བའི་དུག་འགོག་མཉེན་ཆས་འགའ་ཞིག་རེད། ཁྱེད་ཀྱི་འདོད་མོས་ལྟར་མཉེན་ཆས་གང་ཞིག་ཕབས་ལེན་གནང་ཚེ་གཤམ་གྱི་དྲ་ཐག་གསུམ་པོ་ནས་གདམས་དགོས། 
1.  Anti Malwarebytes མཉེན་ཆས་འདི་ཕབས་ལེན་འདི་ནས་གནང་།
2. AVG མཉེན་ཆས་འདི་ཕབས་ལེན་འདི་ནས་གནང་།
3. Super Anti Spyware མཉེན་ཆས་འདི་ཕབས་ལེན་འདི་ནས་གནང་།

Thursday, 21 June 2012

Easy to Watch Movies from the Internet ཐད་གཏོང་བརྙན་འཕྲིན་སོགས་ལྟ་བྱེད།

འདི་ནི་ཐད་གཏོང་བརྙན་འཕྲིན་དང་གློག་འཕྲིན་སོགས་དྲ་ལམ་ནས་གཏོང་བྱེད་ཀྱི་མཉེན་ཆས་སྟབས་བདེ་ཞིག་རེད། ཕབས་ལེན་བྱས་རྗེས་སྟབས་བདེ་ཡིན་པས་ནང་འཇུག་སྐབས་སུ་གསང་ཨང་སོགས་གང་ཡང་མེད། དྲ་ལམ་ནས་ཁྱེད་ཀྱིས་འདོད་མོས་ལྟར་ཐད་གཏོང་བརྙན་འཕྲིན་དང་གློག་འཕྲིན་སོགས་སྡེ་ཚན་སོ་སོ་ནས་འཚོལ་ཚེ་ལས་སླ་པོའི་ངང་གསན་གཟིགས་གནང་ཐུབ། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download this software. No Keygen, No Patch. It is full version.

Laptop battery གློག་རྫས་གསོག་ཉར།

འདིེ་ནི་ལག་ཁྱེར་རིག་མཛོད་ཀྱི་གློག་རྫས་གསོག་ཉར་བྱེད་སྤྱད་ཀྱི་མཉེན་ཆས་སྤུས་ལེགས་ཞིག་རེད། མཉེན་ཆས་འདི་ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་གསང་གྲངས་འཇུག་དགོས་པས། མཉེན་ཆས་འདིའི་མཉམ་དུ་ཡོད་པའི་ཡིག་སྣོད་ sn1 ཞེས་པ་དེ་ཁ་བསྔོག་ན་གསང་གྲངས་དང་གསང་མིང་བཅས་སྤྲོད་ཀྱི་རེད། འོན་ཀྱང་གསང་གྲངས་མ་འཇུག་སྔོན་ལ་ཡིག་སྣོད་ཞིག་ལས་དྲི་བ་གསུམ་འཆར་གྱི་རེད། དེ་དག་ལས་གསུམ་པ་དེ་གདམས་ན་གསང་གྲངས་འཇུག་སའི་སྒེའུ་ཁུང་འཆར་ཡོང་། དེར་ཁྱེད་ཀྱིས་གསང་མིང་དང་གསང་གྲངས་མ་ནོར་བར་བཅུག་རྗེས་ཚད་ལྡན་གྱི་མཉེན་ཆས་ཞིག་ཆགས་ཟིན། 
མཉེན་ཆས་བཟོ་བསྐྲུན་པས་བཤད་པ་ལྟར་ན་མཉེན་ཆས་འདི་བཅུག་རྗེས་རིག་མཛོད་གློག་རྫས་ནམ་རྒྱུན་ལས་ཚོུད་ ༣ ལྷག་ཐེ་བ་འདང་གི་ཡོད་པ་རེད་ཟེར། ཁྱེད་ཀྱིས་ཚོད་ལྟ་གནང་ན་མཁྱེན་ངེས་རེད། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

Tuesday, 19 June 2012

Lyrics Plugin གཞས་ཚིག་འཆར་བྱེད་མཉེན་ཆས།

འདི་ནི་གཞས་རིགས་གཏོང་སྐབས་གཞས་ཚིག་འཆར་བྱེད་ཀྱི་མཉེན་ཆས་ཞིག་རེད། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་སྟབས་བདེའི་མཉེན་ཆས་ཡིན་པས་གསང་ཨང་སོགས་གང་ཡང་མེད། ཕབས་ལེན་གྱི་དྲ་ཐག་གནོན་རྗེས་མཉེན་ཆས་གསུམ་ཙམ་ཁྱེད་ལ་གདམས་ང་སྤྲོད་ཀྱི་རེད། དེ་དག་ལས་ཁྱེད་ཀྱི་འདོད་མོས་ལྟར་ཕབས་ལེན་བྱ་ཆོག དཔེར་ན་ iTunes ལྟ་བུ་ནི་སྒེའུ་ཁུངས་རྟགས་ཅན་དང་ཀུ་ཤུ་རྟགས་ཅན་གྱི་རོལ་གཞས་གཏོང་བྱེད་ཀྱི་འཕྲུལ་ཆས་ཡོངས་རྫོགས་ལ་བེད་སྤྱོད་ཐུབ། དེ་བཞིན་ Media, Winamp སོགས་ནི་སྒེའུ་ཁུང་རྟགས་ཅན་གྱི་གཏོང་བྱེད་འཕྲུལ་ཆས་ཡོངས་རྫོགས་ལ་བེད་སྤྱོད་ཐུབ།
 འདིར་ཁྱེད་ཀྱིས་ངེས་པར་མཁྱེན་དགོས་པ་ཞིག་ནི་ཐེངས་དང་པོར་གཞས་ཚིག་འཆར་ཆེད་དྲ་འབྲེལ་བྱེད་དགོས། དཔེར་ན་ཁྱེད་ཀྱིས་དྲ་རྒྱ་གཞན་སྔོག་པ་དང་ཡི་གེ་སོགས་གཏོང་བ། དྲ་བར་གླེང་མོལ་བྱེད་སྐབས་ཁྱེད་ཀྱི་རིག་མཛོད་དུ་གཞས་གང་ཞིག་གཏོང་བཞིན་ཡོད་ན་དེའི་གཞས་ཚིག་རང་འགུལ་གྱིས་ཕབས་ལེན་ལྟར་འཆར་གྱི་རེད། དེའང་མཉེན་ཆས་བཟོ་བསྐྲུན་པས་དབྱིན་གཞས་གཙོ་བོར་བསྒྲིགས་ཡོད་རྩང་དབྱིན་ཡིག་གི་གཞས་ཚིག་གཙོ་བོར་འཆར་གྱི་རེད། ཐེངས་གཉིས་པ་སོགས་སུ་དྲ་བྲེལ་མི་དགོས་པར་གཞས་དེ་དག་གཏོང་སྐབས་གཞས་ཚིག་རང་འགུལ་གྱིས་འཆར་གྱི་རེད། 


The songs dosen't change the real song name, the computer which is connect with internet,, you can see the lyrics when you open any songs. Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download Lyrics plugin, Choose Which player you install or you use to open the songs. Only 220 Kb only. Very small and useful to recognize the songs lyric.

Friday, 15 June 2012

Nero 11 Portable སྡེར་བཟོའི་མཉེན་ཆས་ནེ་རོ་ཐོན་རིམ་ ༡༡ པ།

འདི་ནི་ནེ་རོ་ཞེས་པའི་ཡིག་ཆ་རིགས་དང་བརྙན་འཕྲིན། རོལ་དབྱངས་སོགས་འོད་སྡེར་དང་བརྙན་སྡེར་གང་རུང་དུ་བཟོ་བྱེད་ཀྱི་མཉེན་ཆས་གྲགས་ཅན་དེ་སྟབས་བདེ་རུ་བཟོས་པ་ཞིག་ཡིན། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་སྟབས་བདེའི་མཉེན་ཆས་ཡིན་པས་གསང་ཨང་སོགས་གང་ཡང་མེད། 
To Burn DVD or VCD or Data dick.
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

Sunday, 10 June 2012

Tibetan for Apple phone ཀུ་ཤུ་རྟགས་ཅན་ཁ་པར་ཆེད་ཀྱི་བོད་ཡིག

འདི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཆེད་དུ་བཟོས་པའི་བོད་ཡིག་ཞིག་རེད། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་ཁ་པར་གྱི་ཚད་རིམ་སོགས་ལ་གཞིག་སྟེ་སྒྲིག་ཆོག 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it 

Tibetan font for Samsung Android སམ་སང་ཁ་པར་ཆེད་ཀྱི་བོད་ཡིག་མཉེན་ཆས།




འདི་ནི་སྨོན་ལམ་བོད་ཡིག་ Samsung Android ཆེད་དུ་ཡིན། ཕབས་ལེན་བྱས་རྗེས་འཇུག་སྟངས་ནི། 
༡) བཙིར་ཆས་ལས་བཤིག་རྗེས་ Settings མཉེན་སྒྲོག་སྟེང་གནོན། དེ་ནས་ Applications ཞེས་པར་གནོན་དགོས། དེ་ནས་ Unknown Souces ཞེས་པར་འགྲིག་རྟགས་བརྒྱག་དགོས། འདི་ནི་དྲ་རྒྱ་གཞན་ནམ་དྲན་འཛིན་བྱང་བུ་ (memory card) གང་རུང་གང་རུང་ནས་སྒྲིག་འཇུག་བྱེད་པར་འགྲིག་རྟགས་བརྒྱག་དགོས། 
༢) Memory Card དང་ཡང་ན་ཁ་པར་ནང་ནས་ཕབས་ལེན་བྱས་པ་ཁ་འབྱེད་དགོས། དེ་རྗེས་རང་འགུལ་གྱིས་ Install ཞེས་པར་གནོན་ན་ནང་འཇུག་བྱེད་ཀྱི་རེད། 
(འགྲེལ་རྗོད་འདི་ནི་བོད་ཡིག་མཉེན་ཆས་གླིང་གིས་ངོ་སྤྲོད་བྱས་པ་ལྟར་བཀོད་ཡོད། )

click here འདིར་གནོན་ནས་ཕབས་ལེན་བྱ་དགོས། to download it 

iCare Data Recovery for 350GB ཡིག་སྣོད་སླར་གསོའི་མཉེན་ཆས།

འདི་ནི་རིག་མཛོད་ལ་དུག་འགོས་པའམ་ཡང་ན་སྟེས་དབང་གིས་ཡིག་སྣོད་དང་མཉེན་ཆས་སོགས་བོར་རླག་ཤོར་བ་རྣམས་སླར་གསོ་བྱེད་སྤྱད་ཀྱི་མཉེན་ཆས་སྤུས་ལེགས་ཞིག་རེད་ལ། མཉེན་ཆས་འདིའི་བཟོ་བསྐྲུན་པས་ཡིག་སྣོད་སོགས་གྲངས་ཚད་ GB ༣༥༠ ཙམ་སླར་གསོ་བྱ་ཐུབ་པར་བཤད་འདུག ཕབས་ལེན་བྱས་ནས་ནང་འཇུག་ཚར་རྗེས་མཉེན་ཆས་ཀྱི་ཡིག་སྣོད་ཟུར་དུ་ Rigister ཞེས་པར་གནོན་དགོས། དེ་མ་ཐག་ཡིག་སྣོད་ཞིག་ལས་གནས་ཚུལ་འདི་གཏན་ཁེལ་བྱ་འདོད་ཡོད་མེད་ཀྱི་དྲི་བ་ལས་ yes ཞེས་པར་གནོན་རྗེས་འཇུག་ཡོངས་སུ་གྲུབ་པ་ཡིན། དེ་རྗེས་གཞི་ནས་ཅོག་ངོས་སུ་འཆར་བའི་ནང་འཇུག་བྱས་ཟིན་པའི་ཡིག་སྣོད་ཁ་བསྔོག་ནས་བོར་རླག་ཤོར་བའི་ཡིག་སྣོད་རིགས་སླར་གསོ་བྱ་ན་འགྲིག 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.

a Tube_Catcher ཕབས་ལེན་ཡིག་སྣོད་འདེམས་བྱེད།

འདི་ནི་བརྙན་འཕྲིན་དང་གླུ་གཞས་སོགས་ Youtube ནས་ཕབས་ལེན་བྱ་སྐབས་ལེན་བཞིན་པའི་ཡིག་སྣོད་དེའི་ངོ་བོ་(Format) གང་ཞིག་དགོས་མིན་ཁྱེད་ཀྱི་རིག་མཛོད་དང་མཚམས་པའི་ཕབས་ལེན་བྱེད་སྤྱད་ཞིག་ཡིན། ནང་འཇུག་སྐབས་སུ་སྟབས་བདེ་ཡིན་པས་གསང་གྲངས་སོགས་གང་ཡང་མེད། 
click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it