Saturday, 16 February 2013

གསལ་བསྒྲགས། གསལ་བསྒྲགས། གསལ་བསྒྲགས།

རྒྱ་ཆེའི་བོད་རིགས་རིག་མཛོད་པ་རྣམས་ལ་གསོལ་དོན། བདག་གིས་འདི་ནས་དྲ་ཐོག་ཏུ་རིན་མེད་མཉེན་ཆས་འགོད་བཞིན་པ་མང་ཕལ་ཆེར་ཁྲིམས་མཐུན་མིན་པའི་ཐབས་ལམ་ལ་བརྒྱུད་ཡོད་སྟབས། ཉེ་ཆར་བདག་གི་དྲ་ལམ་བསོག་སྣོད་ mediafire ལ་གཏོར་རྒོལ་ཐེབས་ཏེ་དེ་འབྲེལ་མཉེན་ཆས་ཡོད་ཚད་བེད་མེད་དུ་གྱུར་དང་འགྱུར་བཞིན་ཡོད་པར་བརྟེན་བདག་གིས་འདི་ནས་ཐབས་ལམ་གཞན་པ་ཞིག་བེད་སྤྱད་དེ་མུ་མཐུད་གལ་ཆེའི་མཉེན་ཆས་རིགས་རིན་མེད་འབུལ་འཆར་ལགས་ན། དེ་ལུགས་བདག་གིས་བརྒྱུད་ཡོད་པའི་ཐབས་ལམ་དེར་ཁྱེད་ཅག་ནས་བེད་ཇི་ལྟར་སྤྱོད་དགོས་མིན་གྱི་སྐོར་གཤམ་གསལ་ལྟར་ཡིན། རྗེས་སུ་བདག་གིས་དྲ་ཐོག་ཏུ་མཉེན་ཆས་གསར་པ་ཞིག་འགོད་སྐབས་དེའི་མཉམ་དུ་ཐབས་ལམ་དེ་གཏང་གི་ཡིན་པས་མཉེན་ཆས་གང་ཞིག་ཐོག་མར་མ་འཇུག་པའི་གོང་དུ་ངེས་པར་ཐབས་ལམ་དེ་ཀློག་གནང་ཡོད་པར་ཞུ། 
ཐབས་ལམ་ངོ་སྤྲོད་གཟིགས་འདོད་ཡོད་ཚེ་འདི་ནས་ཕེབས། Click here འདིར་གནོན་ནས་ཕབས་ལེན་བྱ་དགོས། 

3 comments:

  1. ཁྱེད་ཀྱི་ཐབས་ཤེས་དེ་ཧ་ཅང་ཡག་པོ་འདུག །ལས་ལྷ་པོའི་ངང་ཤེས་རྒྱུ་ཡོད་པ་བཟོས་འདུག །བཀའ་དྲིན་ཆེ། གུས་པ་ཡང་རྩིས་འཁོར་ཤེས་བྱའི་སྐོར་གྱི་ཟིན་བྲིས་དྲ་རྒྱ་ http://sonamdawa.blogspot.in ཞིག་ཡོད་པས་གཟིགས་པར་འཚལ། ཕན་ཚུན་གྱི་དགའ་མོས་གཅིག་པ་འདྲ་པོ་འདུག །དེར་བརྟེན་ང་གཉིས་ཀྱི་དྲ་ཚིགས་དབར་མཐུན་གྲོགས་ཞིག་འགྲིགས་ན་བསམ་གྱི་འདུག

    ReplyDelete
  2. བསོད་ནམས་ཟླ་བ་ལགས་ཕེགས་པར་དགའ་པོ་བྱུང་། ཁྱེད་ཀྱི་དྲ་ངོས་སུ་ལན་བཞག་ཡོད།

    ReplyDelete
  3. ཉིད་ཀྱི་ཐབས་ལམ་ངོ་སྤྲོད་ཀློག་ཐབས་མི་འདུག

    ReplyDelete

Be happy