Header

Tuesday 27 March 2012

Password remover རིག་མཛོད་གསང་ཟྭ་གཏོར་བྱེད།

འདི་ནི་མི་རྣམས་ཀྱིས་སོ་སོའི་་རིག་མཛོད་འཕྲུལ་ཆས་ལ་ནམ་རྒྱུན་མི་གཞན་གྱིས་གང་བྱུང་དུ་བེད་སྤྱོད་མི་ཐུབ་ཆེད་ཟྭ་རྒྱག་གི་ཡོད་ལ། སྐབས་འགར་ཟྭ་ཡི་གསང་གྲངས་བརྗེད་ནས་སྒོ་འབྱེད་མི་ཐུབ་པའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ལྟར། སྐབས་དེར་ཁྱེད་ཀྱིས་བེད་སྤྱོད་ནས་གསང་ཟྭ་གཏོར་བྱེད་ཅིག་ཡིན། ཕབས་ལེན་བྱས་རྗེས་བེད་སྟངས་ནི། མཉེན་ཆས་འདི་ཉིད་ཁྱེད་ཀྱིས་སྟབས་བདེའི་མཐུད་སྡེར་ (USB disc or Pen driver) གང་རུང་ནང་དུ་ཉར་དགོས། ཐོག་མར་ཁྱེད་ཀྱིས་རིག་མཛོད་ཁ་འབྱེད་སྐབས་འགུལ་སློང་ངམ་ boot ཞེས་པར་བེད་སྤྱོད་ནས་གོང་གི་མཉེན་ཆས་ཡོད་པའི་སྟབས་བདེའི་མཐུད་སྡེར་
(UBS disc or Pen driver) དེ་ཁྱེད་ཀྱི་རིག་མཛོད་དུ་མཐུད་དགོས། རིག་མཛོད་ཀྱིས་ཁྱེད་ལ་འོད་སྡེར་ (CD) དང་པོར་གཏོང་དགོས་སམ། ཡང་ན་མཐུད་སྡེར་ (UBS disc) དང་པོར་གཏོང་དགོས་ཟེར་སྲིད་དེ་སྐབས་ཁྱེད་ཀྱིས་མཐུད་སྡེར་དང་པོར་གདམས་དགོས། དེ་རྗེས་དྲི་བ་ཁག་ལ་དཔྱད་ཞིབ་བྱ་བཞིན་མུ་མཐུད་དུ་སྐྱོད་ན་ཁྱེད་ཀྱི་རིག་མཛོད་རང་འགུལ་གྱིས་སྒོ་འབྱེད་ཀྱི་རེད། 
Support to Windows 7, XP and Vista སྒེའུ་ཁུང་འདིའི་རྟགས་ཅན་རྣམས་ལ་བེད་སྐྱོད་ཆོག 
Click here འདིར་གནོན་ནས་ཕབས་ལེན་གནང། to download.

No comments:

Post a Comment

Be happy