འདིའི་མིང་ལ་“ཁྱེད་ཀྱི་མཉེན་ཆས་ཕྱིར་འཐེན་”ཞེས་འདོགས་དགོས་པར་སྙམ། དེའང་ནམ་རྒྱུན་ཁྱེད་ཀྱི་རིག་མཛོད་དུ་བཅུག་ཟིན་པའི་མཉེན་ཆས་ཞིག་ཕྱིར་འཐེན་དགོས་ཚེ་མ་ལག་ Programme སོགས་ནས་བརྒྱུད་དེ་ཕྱིར་ཕྱུང་གི་ཡོད། འོན་ཀྱང་བརྒྱ་ཆ་བརྒྱ་གཙང་དག་ཏུ་བཟོ་གཏན་ནས་ཐུབ་ཀྱི་མེད། དཔེར་ན་ཞིབ་ཕྲའི་མ་ལག་གི་གསང་གྲངས་ཇི་སྙེད་ཅིག་རིག་མཛོད་དུ་རང་འཇག་ལུས་སྡོད་ཀྱིན་ཡོད། དེས་ན་གལ་སྲིད་རྗེས་ཕྱོགས་ནས་མཉེན་ཆས་དེའི་ཐོན་རིམ་གསར་པ་ཞིག་སླར་ཡང་འཇུག་དགོས་ཚེ། རང་འགུལ་གྱིས་ཁྱེད་ཀྱི་མཉེན་ཆས་དེ་རང་འཇག་འདུག་ཟེར་བའམ། ཡང་ན་ངོས་ལེན་མེད་ཟེར་བ་ལྟ་
བུས་ནང་འཇུག་བྱེད་ཏུ་འཇུག་གིན་མེད། དེས་ན་མཉེན་ཆས་འདིའི་རྒྱུད་ནས་གང་ཞིག་ཕྱིར་འཐེན་བྱ་ཚེ་གཙང་དག་ཆགས་རྒྱུ་རེད། ནང་འཇུག་བྱ་སྟངས་ནི་ཚད་ལྡན་གྱི་མཉེན་ཆས་སྤྱི་མཚུངས་ལྟར་མཉམ་དུ་གསང་གྲངས་བཏང་ཡོད་པས་དེ་ལུགས་གང་དགོས་ནམ་རྒྱུན་ལྟར་འདིར་གཟིགས་རོགས།
བེད་སྤྱོད་སྟངས་ནི་མཉེན་ཆས་འདི་ནང་འཇུག་ཚར་རྗེས་ཁ་འབྱེད་ན་ཁྱེད་ཀྱི་རིག་མཛོད་ནང་གི་མཉེན་ཆས་ཡོད་ཚད་འདིའི་ནང་དུ་སླེབས་ཟིན། དེ་ནས་གང་ཞིག་ཕྱིར་འཐེན་བྱ་དགོས་པ་དེའི་སྟེང་དུ་གཉིས་མནོན་བྱ་ན་སྒེའུ་ཁུང་ཆུང་ངུ་ཞིག་ལས་གདམ་བྱ་བཞི་ཡོང་གི་ཡོད་པ་ལས་མཇུག་ཤོས་ Super Mode ཞེས་པར་གནོན་དགོས།
No comments:
Post a Comment
Be happy