Header

Thursday 11 July 2013

TuneIn Radio for cellphone ཁ་པར་ཐོག་རླུང་འཕྲིན་ཉན་སྟངས།

འདིར་དེ་རིང་ལག་ཐོག་ཁ་པར་ནང་རླུང་འཕྲིན་ཉན་སྟངས་སྟབས་བདེ་ཞིག་ཞུ་རྒྱུ་ཡིན། ནམ་རྒྱུན་ཁྱེད་ཀྱིས་བོད་སྐད་རླུང་འཕྲིན་གསན་སྐབས་ཐད་ཀར་དྲ་རྒྱར་འཛུལ་བའམ་ཡང་ན་འབྲེལ་མཐུད་དྲ་གནས་སོགས་ནས་གསན་ཐུབ་ཀྱིན་ཡོད། ཡིན་ནའང་མཚམས་མཚམས་སུ་ཡུལ་དུས་དཀའ་ཚིག་སོགས་ཀྱིས་ཐད་ཀར་ཉན་མི་ཐུབ་པ་ཡང་ཡང་ཡོང་གི་ཡོད་སྟབས། འདིར་དེ་རིང་ཐབས་ལམ་ཞིག་ངོ་སྤྲོད་ཞུས་པའི་རྒྱུད་ཁྱེད་ཀྱི་སྐུ་ངལ་དེ་དག་ཅུང་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ཐབས་ལམ་མམ་མཉེན་ཆས་དེའི་མིང་ལ་ཊུན་ཨིན་ (TuneIn) ཟེར། མཉེན་ཆས་འདི་ནི་ལག་ཐོག་ཁ་པར་དཔེར་ན་ i OS, Android, Black Berry, Samsung, Windows Phone སོགས་ལ་བེད་སྤྱོད་ཐུབ། མཉེན་ཆས་སམ་རླུང་འཕྲིན་ཁང་འདི་ནི་ཨ་རིའི་ཀལ་ཕོ་ཉིའི་ནང་དུ་གཏན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་གཉེར་བཞིན་ཡོད། སྤྱི་སྙོམས་བྱས་ན་ཟླ་རེའི་ནང་མི་ས་ཡ་ ༤༠ ལྷག་གིས་བེད་སྤྱོད་བཞིན་ཡོད་འདུག 
དེའང་ཕབས་ལེན་བྱ་སྟངས་ནི་ཐོག་མར་སོ་སོའི་ལག་ཐོག་ཁ་པར་གྱི་བེད་སྤྱོད་མཛོད་ཁང་ ( apps ཡང་ན་ Play store ) ཞེས་
པར་འཛུལ། དེ་ནས་གོང་གི་འཚོལ་ཡུལ་ནང་ tunein radio འདི་བྲིས་ནས་ཕབས་ལེན་བྱོས། རིན་མེད་ཕབས་ལེན་དེ་ཚར་རྗེས་མཉེན་ཆས་དེ་ཁྱེད་ཀྱི་ལག་ཐོག་ཁ་པར་གྱི་ཅོག་ངོས་སུ་སླེབས་ཡོད། དེ་ནས་ནང་དུ་འཛུལ་རྗེས་གོང་གི་འཚོལ་ཡུལ་ནང་དཔེར་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གསན་ན་ Radio Free Asia ཞེས་འབྲི་དགོས། དེ་སྐབས་གཤམ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་མང་པོ་ཞིག་དོན་ཡོང་བ་ལས་དང་པོའི་ནང་གི་ཨང་གྲངས་ ༤ ཅན་དེ་བོད་སྐད་ཡིན་པས་དེ་གདམས་དགོས། དེ་ནས་སྐུ་ཉིད་ཀྱིས་བདེ་བླག་ངང་ཐད་ཀར་རྒྱང་སྲིང་བྱེད་པ་ཁག་གསན་ཐུབ། དེ་བཞིན་བོད་སྐད་རླུང་འཕྲིན་གཞན་ཁག་ཀྱང་གཅིག་མཚུངས་གོང་ལྟར་རླུང་འཕྲིན་གྱི་མིང་འབྲི་ནས་འཚོལ་དགོས།།

Enjoy with it

No comments:

Post a Comment

Be happy