Header

Friday 14 June 2013

Windows 8 USB installer maker སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པ་སྟབས་བདེའི་འཇུག་ཆས།

འདི་ནི་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པ་སྟབས་བདེའི་འཇུག་ཆས་ཞིག་ཡིན། སྤྱིར་རིག་མཛོད་མ་ལག་སྒེའུ་ཁུང་ནང་འཇུག་ཚེ་ཕལ་ཆེར་འོད་སྡེར་དང་སྡུད་སྡེར་སོགས་ནས་འཇུག་དགོས། འོན་ཀྱང་མི་རྣམས་ཀྱིས་དེང་རབས་ཚན་འཕྲུལ་ལ་བརྟེན་ནས་རིག་མཛོད་ཀློག་ཀླད་ཀྱི་མ་ལག་རྣམས་སྨྱུག་བྱང་ངམ་སྡུད་སྡེར། ཡང་ན་སྡུད་བྱང་(Pen drive, disk drive or memory card) སོགས་ནས་འཇུག་ཆོག་བཟོ་བཞིན་ཡོད། ད་
ལན་ངོ་སྤྲོད་བྱེད་བཞིན་པའི་མཉེན་ཆས་འདི་ཕབས་ལེན་དང་ནང་འཇུག་ཡོངས་སུ་གྲུབ་རྗེས་ཁྱེད་ཀྱིས་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ (Windows 8) འོད་སྡེར་ལས་སོ་སོའི་རིག་མཛོད་ཀྱི་ཅོག་ངོས་སམ་ཡང་ན་ཡིག་སྣོད་གང་རུང་དུ་དཔེ་བཤུ་བྱ་དགོས། དེ་རྗེས་བཤུས་ཟིན་པའི་སྒེའུ་ཁུང་རྟགས་ཅན་ ༨ དེ་གོང་དུ་ནང་འཇུག་བྱས་ཟིན་པའི་མཉེན་ཆས་འདིའི་ནང་གཏོང་ཚེ། ཁྱེད་ཀྱི་སྒེའུ་ཁུང་རྟགས་ཅན་ ༨ སྟབས་བདེ་དང་རིག་མཛོད་གཞན་ལ་བེད་སྤྱོད་ཆོག་ཆོག་འགྱུར་རྒྱུ་རེད། 

No comments:

Post a Comment

Be happy