Header

Friday 14 June 2013

Viber for Pc སྒེའུ་ཁུངས་རྟགས་ཅན་ཆེད་ཝི་སྦར།

སྤྱིར་འདི་ནི་ཝི་སྦར་ཞེས་པའི་ཁ་པར་ནས་རིན་མེད་ཕན་ཚུན་སྐད་ཆ་བཤད་སའི་མཉེན་ཆས་ཞིག་ཡིན། མཉེན་ཆས་འདི་བྷེ་ལ་རུ་ས་ནས་ཀུ་ཤུ་རྟགས་ཅན་དང་ཨན་ཌི་རོ་སོགས་ཀྱི་མ་ལག་ཆེད་དུ་ཕྱི་ལོ་ ༢༠༡༠ ལོར་ཐོན་པ་ཞིག་རེད། ད་བར་མཉེན་ཆས་འདི་བེད་སྤྱོད་མཁན་ས་ཡ་གཉིས་བརྒྱ་ལྷག་ཅིག་འབྱུང་བཞིན་ཡོད། འདི་ཉིད་བེད་སྤྱོད་གཏོང་སྐབས་ངེས་པར་དུ་ཁྱེད་ཀྱི་ཁ་པར་ཨང་གྲངས་བེད་སྤྱོད་
དགོས། འོན་ཀྱང་ཁ་པར་ནས་དངུལ་སྐར་རྡོག་གཅིག་འགྲོ་རྒྱུ་མ་རེད། ད་དུང་པར་དང་འཕྲིན་ཐུང་ཡི་གེ་སོགས་ཀྱང་གཏོང་ཐུབ། ཕྲན་གྱིས་ད་ལན་འདིར་ངོ་སྤྲོད་བཞིན་པའི་ཝི་སྦར་མཉེན་ཆས་འདི་ནི་རིག་མཛོད་དམ་གློག་ཀླད་ཀྱི་ཆེད་དུ་ཡིན་པ་ལས་ཁ་པར་གྱི་ཆེད་དུ་མིན། འོན་ཀྱང་ཐོ་འགོད་བྱེད་པ་ནི་རང་ཉིད་ཀྱི་ཁ་པར་ཨང་གྲངས་ལ་བརྟེན་ནས་བཟོ་དགོས། ཁྱེད་ཀྱིས་མཉེན་ཆས་འདི་བེད་སྤྱོད་སྐབས་རིག་མཛོད་དང་ཡང་ན་ཁ་པར་ལ་དྲ་རྒྱའི་འབྲེལ་ལམ་ངེས་པར་དུ་དགོས། 

No comments:

Post a Comment

Be happy