Header

Sunday 16 June 2013

Microsoft Office Professional Plus 2013 མཉེན་ཆས་ཡིག་ཚང་ཚད་མཐོ་ཤོས་ཐོན་རིམ་ ༢༠༡༣ ཅན།

འདི་ནི་གསང་ཟ་ཡོད་པའི་མཉེན་ཆས་ཡིག་ཚང་ཚད་མཐོ་ཤོས་ཐོན་རིམ་ ༢༠༡༣ ཅན་ (Microsoft Office Professional Plus 2013) དེ་ཡིན།
སྤྱིར་ང་ཚོར་རྒྱུས་ཡོད་པ་ལྟར་མཉེན་ཆས་ཡིག་ཚང་ཐོན་རིམ་གསར་པ་རྣམས་རིམ་བཞིན་ཡར་རྒྱས་རླབས་ཆེན་འགྲོ་བཞིན་ཡོད་པ་ལྟར། ད་ལན་མཉེན་ཆས་ཡིག་ཚང་ཐོན་རིམ་གསར་པ་ ༢༠༡༣ འདི་ལའང་ཐོག་མར་ཁ་འབྱེད་སྐབས་ནས་ཀྱང་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་ནི། འདིའི་གཙོ་པང་དང་ལྗོངས་བཀོད་རྣམས་གློག་ཀླད་སྒེའུ་ཁུང་རྟགས་ཅན་ཐོན་རིམ་ ༨ པའི་འགྲོས་ལྟར་འཆར་གྱིན་འདུག་པས་ཡིད་དུ་འབབ་པ་ཞིག་རེད། དེ་མིན་དམིགས་བསལ་ནང་གི་ཆ་ལག་ལའང་མིཀ་རོ་མཉེན་ཆས་བཟོ་གྲྭས་སྔོན་མའི་རྙིང་པ་ཚོ་དང་མི་འདྲ་བའི་ཁྱད་ཆོས་མང་པོ་གསར་དུ་བསྐྲུན་འདུག དཔེར་ན་ཡིག་ཆ་རིགས་སྟབས་བདེའི་ཡིག་ཆས་ (PDF) སུ་བཟོས་ཡོད་པ་རྣམས་ཀྱང་ཐད་ཀར་མཉེན་ཆས་ཡིག་ཚང་འདིའི་ནང་དུ་བཟོ་བཅོས་དང་བསྐྱར་འབྲི་སོགས་ཚང་མ་བྱས་རྗེས་སླར་ཡང་སྟབས་བདེའི་ཡིག་ཆས་རང་དུ་ཉར་ཐུབ་དང་། དེ་བཞིན་བརྙན་འཕྲིན་རིགས་སོགས་ཐད་ཀར་ནང་འདྲེན་བྱ་ཐུབ་པ། ད་དུང་ Powerpoint སོགས་ལའང་སྔར་ལས་ལྷག་པའི་མཐུས་ཚང་དང་སྤུས་དག་བཟོས་འདུག གང་ལྟར་དེ་དག་རེ་རེ་ནས་ཞུ་མི་དགོས་པར་སྐུ་ཉིད་ནས་ཚོད་ལྟ་ཞིག་གནང་ན་མཁྱེན་ངེས་ཡིན། 
Enjoy with it

No comments:

Post a Comment

Be happy