Header

Sunday 16 June 2013

Adobe After Effects CS3 Pro incl. Crack ཨེ་ཌོ་བྷི་བརྙན་འཕྲིན་བཟོ་བྱེད་ལེགས་ཤོས།

འདི་ནི་བརྙན་འཕྲིན་བཟོ་བཀོད་བྱེད་སྤྱད་ཀྱི་མཉེན་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། མཉེན་
ཆས་འདི་ནི་ང་ཚོར་རྒྱུས་མངའ་ཡོད་པའི་གྲགས་ཅན་པར་བཟོའི་མཉེན་ཆས་བཟོ་གྲྭ་ Adobe ནས་བཏོན་པའི་ Adobe After Effects CS3 Pro. ཞེས་པ་དེ་རེད། འདི་ལ་མཆོག་དམན་དང་ཐོན་རིམ་སོགས་མང་པོ་ཞིག་ཡོད་པའི་ནང་ནས་ཐོན་རིམ་ ༣ དང་། གོ་གནས་ཆེད་སྦྱོང་ (Professional) ཡིན་པས་ཆེས་ལེགས་ཤོས་གྱི་གྲལ་ཞིག་ཡིན། གལ་སྲིད་ཁྱེད་ལ་ཨེ་ཌོབྷི་ཡི་ལག་རྩལ་ཅུང་ཡག་པོ་ཡོད་ན་མཉེན་ཆས་འདི་བེད་སྤྱོད་རྒྱུར་ལས་སླ་པོ་ཡིན། དེ་མིན་བརྙན་འཕྲིན་བཟོ་སྒྲིག་ཐད་མཁྱེན་རྟོགས་ཅུང་ཡོད་པ་ཚོ་ལའང་ལས་སླ་བར་སྙམ། ང་ཚོས་ད་ལྟའི་ཆར་མཐོང་ཐོས་སུ་གྱུར་པའི་རྫུ་འཕྲུལ་གློག་བརྙན་དང་། རྒྱ་ནག་དང་ཉི་ཧོང་སོགས་ཀྱི་
གྲི་ཐོག་དྲག་རྩལ་གློག་བརྙན། ཨ་རི་དང་ཨོ་རོ་སུ་སོགས་ཀྱི་འཁོར་སྐར་དམག་འཁྲུག་སོགས་ངོ་མཚར་བའི་ལྟད་མོ་དེ་དག་ཡོད་ཚད་གློག་ཀླད་ཀྱི་རྒྱུ་རྩལ་དང་མཉེན་ཆས་ལ་བརྟེན་ནས་བཟོ་བཞིན་ཡོད་པ་ལྟར། ད་ལན་བདག་གིས་ངོ་སྤྲོད་ཞུ་བཞིན་པའི་མཉེན་ཆས་འདི་ཡང་དེ་ཚོའི་གྲལ་ནས་གཅིག་རེད། འདིའི་ཇི་ལྟར་བཟོ་སྟངས་དང་། བཟོས་ཟིན་པ་ཇི་འདྲ་ཡོད་མེད་སོགས་འདིར་གཟིགས་གནང་དང་མཁྱེན་ངེས། 
སྤྱིར་མཉེན་ཆས་འདི་ཁྲིམས་མཐུན་ཚོང་ར་ནས་ཉོ་དགོས་ན་གོང་ཚད་ཆེ་བས་དཀའ་ལས་ཏོག་ཙམ་ཡོད། འོན་ཀྱང་ད་ལན་བདག་གིས་འདི་འདྲའི་རིགས་ལ་དོ་སྣང་དང་མཁྱེན་འདོད་ཡོད་མཁན་ཚོའི་ཆེད་དུ་རིན་མེད་དང་མཉམ་དུ་གསང་ཟ་ཡང་བཏང་ཡོད་པས། ནམ་རྒྱུན་བཞིན་བདག་གིས་ཞུས་པའི་ཐབས་ལམ་བཞིན་འགྲོ་ན་མཉེན་ཆས་ཚད་ལྡན་ཞིག་ཏུ་འགྲུབ་རྒྱུ་རེད།
Enjoy with it

2 comments:

  1. ཁྱེད་ཀྱི་དྲ་ཚིགས་ནས་མཉེན་ཆས་མང་པོ་ཞིག་ཕབ་ལེན་བྱས་བཞག འོན་ཀྱང་ད་དུང་དཀའ་ངམ་མི་ཉུང་བ་ཞིག་འཕྲད་བཞིན་འདུག་ན། ཁྱེད་ལ་བཀའ་འདྲ་ཞིག་ཞུ་ན་འདོད་པས། ཁྱེད་ལ་འབྲེལ་བ་བྱེད་སའི་ཁ་བྱང་ཞིག་འདིར་འཇོག་རོགས། ཐུགས་རྗེ་ཆེ།

    ReplyDelete
  2. ཨ་བཙན་པོ་ཕེབས་པར་བཀའ་དྲིན་ཆེ།
    གལ་སྲིད་ཕྲན་གྱིས་བསལ་ཐུབ་པའི་དཀའ་ངལ་རིགས་ཡོད་ན་ཁ་བྱང་འདིའི་ཐོག་འབྲེལ་བ་གནང་མཐུས།
    talktibet53@googlemail.com

    ReplyDelete

Be happy