Header

Sunday 24 March 2013

WDSBD བརྙན་འཕྲིན་སྒྲིག་བཀོད་མཉེན་ཆས།

དེ་རིང་འདིར་གལ་ཆེའི་མཉེན་ཆས་ཞིག་ངོ་སྤྲོད་ཞུ་རྒྱུ་ནི། Wondershare DVD Slideshow Builder Deluxe ཟེར་བ་འདི་རེད། འདི་ནི་བརྙན་འཕྲིན་བཟོ་བྱེད་ཀྱི་མཉེན་ཆས་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་ཁར། བོད་ཡིག་སོགས་ཡིག་རིགས་འདྲ་མིན་ངོས་ལེན་བྱེད་ཀྱི་ཡོད་རྩང་བརྙན་འགྲེལ་བོད་ཡིག་ལམ་དུ་གཏོང་རྒྱུར་ཆེས་ཕན་ཐོག་ཅན་ཞིག་རེད། དེ་བཞིན་བརྙན་གཟུགས་དང་པར་གཟུགས་ཁག་སོ་སོས་གང་འདོད་ལྟར་སྒྲིག་བཟོ་བྱེད་ཆོག་པ་དང་། བཟོ་བཀོད་གྲུབ་རྗེས་ངོ་དེབ་དང་ཡུ་ཊུབ། དེ་བཞིན་ཀུ་ཤུ་རྟགས་ཅན་སོགས་ཀྱིས་མཚོན་ཁ་པར་རིགས་དང་།
བརྙན་འཕྲིན་ཐོན་རྫས་རིགས་ཡོད་ཚད་ཀྱི་མ་ལག་གང་དགོས་གདམས་ནས་པར་བསྐྲུན་བྱ་ཆོག མཉེན་ཆས་འདི་ཕབས་ལེན་བྱས་རྗེས་བཙིར་ཆས་ཁ་འཕྱེ་ན་ནང་དུ་མཉེན་ཆས་མཉམ་དུ་གསང་བའི་ཨང་གྲངས་དང་གསང་མིང་བཏང་ཡོད་པས། དེ་ལུགས་སོ་སོར་འཇུག་རྗེས་ཁྱེད་ལ་སྐར་ཁ་གང་འགྲོ་སོང་གཏོང་མི་དགོས་པའི་མཉེན་ཆས་རིན་ཐང་ཅན་ཞིག་རག་ཚར་བ་རེད། གལ་སྲིད་ཁྱེད་ཀྱི་རིག་མཛོད་ལ་བཙིར་ཆས་མེད་ཚེ་འདི་ནས་ཕབས་ལེན་གནང་། འོན་ཀྱང་འདིར་གལ་ཆེན་ཞུ་རྒྱུ་ཞིག་ལ་མཉེན་ཕབས་ལེན་ཚར་ནས་བཙིར་ཆས་ཁ་མ་བསྔོག་གོང་དུ་གནས་སྐབས་དྲ་རྒྱ་ཁ་འགོག་དགོས། རྒྱུ་མཚན་ནི་ནམ་རྒྱུན་ཞུ་བཞིན་པ་ལྟར་ཁྲིམས་མཐུན་མིན་པའི་གསང་ཟ་ནི་དུག་འགོག་མཉེན་ཆས་ཀྱིས་དུག་རིགས་སུ་ངོས་འཛིན་ནས་ཡོང་འཇུག་གི་མ་རེད། ནང་འཇུག་ཡོངས་སུ་གྲུབ་རྗེས་སྒེའུ་ཁུངས་ཞིག་ནས་གདམས་ཡུལ་གཉིས་ཡོད་པས་དང་པོ་དེ་ལས་སླ་པོའི་བཟོ་བཀོད་བྱ་ཡུལ་དང་། གཉིས་པ་དེ་ཅུང་ཁག་པོའི་བཟོ་ཡུལ་ཡིན་པས་དེ་ལུགས་ཁྱེད་ཀྱིས་སོ་སོའི་ལག་རྩལ་དང་བསྟུན་ནས་གདམས་ཆོག 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to downlaod 
Enjoy with it

1 comment:

  1. འདི་ཡ་པོ་འདུག་ཐུགས་རྗེ་ཆེ

    ReplyDelete

Be happy