Header

Thursday 17 May 2012

Pro Zoom པར་གཞི་ཆེན་པོ་བཟོ་བྱེད།

འདི་ནི་པར་རིས་སོགས་ཆུང་ངུ་ནས་ཆེན་པོར་བཟོ་བྱེད་ཀྱི་མཉེན་ཆས་སྤུས་ལེགས་ཤིག་རེད། ཁྱེད་ལ་རྒྱུ་རྐྱེན་དུ་མ་ཞིག་གིས་དཔར་དཀོན་རིགས་ཆེས་ཆུང་ངུ་རྣམས་ཆེན་པོར་བཟོ་དགོས་ཚེ་པར་གྱི་རྒྱུ་ཆ་རླག་པ་དང་། ཡང་ན་གསལ་པོ་མེད་པ་སོགས་ཀྱི་དཀའ་ངལ་ཡོད། འོན་ཀྱང་མཉེན་ཆས་འདི་བེད་སྤྱོད་ན་པར་ཞིག་ཆེན་པོར་ཇི་ཙམ་བཟོས་ནའང་རྒྱུ་ཆ་དེ་ག་རང་དུ་འདུག་རྒྱུ་རེད། ཕབས་ལེན་བྱས་རྗེས་ནང་འཇུག་སྐབས་སུ་ཁྱེད་ཀྱི་དྲ་ལམ་ངེས་པར་དུ་སྒོ་རྒྱག་དགོས།
དེ་ནས་ནང་འཇུག་ཚར་རྗེས་འཆར་བཞིན་པའི་ཡིག་སྣོད་ལས་ Unlock ཞེས་པར་མནན་དགོས། unlock ཀྱི་གསང་གྲངས་ནི་ TWKKQ - XNKYD - 425NT - UF7WB - 63FDG ཡིན། དེ་རྗེས་ཡིག་སྣོད་ཞིག་ལས་སྤྱོད་མིང་དང་མྱུར་འཕྲིན་ཁ་བྱང་སོགས་ཁྱེར་ཤོག་ཟེར་གྱི་རེད་པས། འདི་དག་ 
སྤྱོད་མིང་། Peter Zuma
མྱུར་འཕྲིན་ཁ་བྱང་། essexr10@live.ca སོར་སོར་སྤྲོད་ནས་འགྲིག་རྟགས་མནན་ཚེ་འཇུག་ཡོངས་སུ་གྲུབ་པ་ཡིན། 


གཤམ་འདི་དབྱིན་ཡིག་ནས་ནང་འཇུག་བྱ་སྟངས་སྐོར་གྱི་ལམ་སྟོན་རེད། 
1. Disconnect your Internet Connection. (Must be disconnect it)
2. After you install,,, Unlock code:  TWKKQ - XNKYD - 425NT - UF7WB - 63FDG
3. Name     :  Peter Zuma
     Email     :  essexr10@live.ca
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download it.
Enjoy with it

3 comments:

  1. སྐུ་ཉིད་ཀྱི་དྲ་རྒྱ་འདིའི་ནང་བཀོད་པའི་ཤེས་བྱའི་རིགས་ཐ་ཐག་ཧ་ཅང་ཡག་པོ་འདུག ང་ནི་ཡང་ཡང་ཁྱེད་ཀྱི་གློག་རྡུལ་དྲ་བའི་ངོས་སུ་ཡོང་རྒྱུ་སྤྲོ་བ་ཞིག་ཡིན། རེ་འདུན་ཞུ་རྒྱུར། སྤྱིར་བཏང་དྲ་རྒྱའི་བཟོ་བཀོད་ནི་མི་སྒེར་རང་ཉིད་ཀྱི་འདོད་མོས་ཡིན་ཀྱང་། གལ་ཏེ་ "ཤམ་བྷ་ལ།"ཞེས་པའི་ཡི་གེ་མང་པོ་ཞིག་སྦྲང་ཆར་ལྟར་འབབ་ཡོང་བ་དེ་དང། "welcome in my blog"ཅེས་པའི་བརྡ་མོའི་(cursor)སྟེང་ཡོད་པ་དེ་དག་མེད་ན་ཀློག་པ་པོར་ཀློག་བདེ་བ་འདུག མ་ཟད་ དེའི་ཚོའི་རིགས་ཇི་ཙམ་ཉུང་ཡང་དྲ་རྒྱ་ཁ་འབྱེད་པའི་མྱུར་ཚད་ཀྱང་ཧ་ཅང་ཁྱད་པར་འདུག
    དེ་རིང་ དཔར་ཆུང་ཆུང་རིགས་དེ་དག་ཆེ་རུ་བཏང་ཐུབ་པ་དང་དཔར་ཀྱི་སྤུད་ཚད་ལ་དོ་ཕོག་མ་ཐེབས་པའི་ཆེད་མཉེན་ཆས་photo zoom ཞེས་པ་དེ་ངོ་སྤྲོད་དང་། གསང་གྲངས་བཀོད་གནང་པར་ཐུགས་རྗེ་ཆེ།
    དེའི་ཐོག་ཏུ་ download ཞེས་པའི་ཐོག་སྣོན་ཀྱང་བྱ་འགུལ་གང་ཡང་མིན་འདུག་པས་གཟིགས་པར་ཞུ།

    ReplyDelete
    Replies
    1. སྐུ་ཉིད་ནས་བདག་གི་དྲ་ངོས་སུ་ཡང་ཡང་ཕེབས་པར་བཀའ་དྲིན་ཆེ། Photo zoom ཞེས་པའི་མཉེན་ཆས་འོག་གི་བོད་ཡིག་འདི་ནས་ཕབས་ལེན་གནང་རོགས་ཞེས་གནོན་ན་ཕབས་ལེན་གནང་ཐུབ། དབྱིན་ཡིག་Download ཞེས་པར་དྲ་རྟགས་ཀྱི་འབྲེལ་མཐུད་མེད་ཞུ།

      Delete
  2. ཡ་པོ་འདུག་

    ReplyDelete

Be happy