Header

Thursday 8 March 2012

Tune Up 2012 Software གློག་ཀླད་བཀོད་སྒྲིག་སྙོམ་བྱེད་མ་ལག

Tune Up ཞེས་པ་ནི་གློག་ཀླད་མདུན་ངོས་ཀྱི་བཀོད་སྒྲིག་སྙོམ་བྱེད་དང་། གློག་ཀླད་ཀྱི་རྒྱབ་ལྗོངས་དང་ལས་རྟགས། ཡིག་སྣོད་སོགས་ཀྱི་དབྱིབས་གཟུགས་རང་གི་འདོད་མོས་ལྟར་པར་དང་བསྒྲགས་ནས་བཀོད་སྒྲིག་བྱེད་ཐུབ། ད་དུང་རིག་མཛོད་ལ་ནད་དུག་འགོས་ཡོད་མེད་ལྟ་ཐུབ་པར་མ་ཟད་གཙང་སྒྲིག་ཀྱང་བྱེད་ཐུབ། མཉེན་ཆས་འདི་ནང་འཇུག་བྱས་ཚར་རྗེས་ཡིག་སྣོད་གང་རུང་ཞིག་གི་སྟེང་དུ་གཡོན་གྱི་མཐེབ་ཀྱུ་མནན་ཚེ་ TuneUP Shredder ཞེས་པ་ཞིག་རང་བཞིན་གྱིས་སླེབས་ཡོད། དེ་ནི་ཁྱེད་ཀྱི་གློག་ཀླད་ནས་གཏན་དུ་གཙང་ཕྱགས་བྱེད་མི་ཐུབ་པའི་གད་སྙིག་རིགས་གཙང་བཟོ་བྱེད་མཁན་ཡིན་པས་ཤིན་ཏུ་ལེགས་པོ་ཡོད།
To Download full Version Click here!! ཕབས་ལེན་ཆེད་འདིར་གནོན།
མཉེན་ཆས་འདི་མཉེན་ཆས་སྤྱི་མཚུངས་ལྟར་ནང་འཇུག་བྱས་རྗེས། ཡིག་སྣོད་ཨ་མའི་ནང་དུ་ keygen ཞེས་པ་དེ་དཔར་སློག་བྱ་ནས་ཁྱེད་ཀྱི་གློག་ཀླད་དུ་བཅུག་ཟིན་པའི་མཉེན་ཆས་དེའི་ནང་དུ་གཏོང་རྗེས་མཉེན་ཆས་འདི་ཁྲིམས་མཐུན་དུ་བཟོས་ཟིན་པས་ཁྱེད་ཀྱིས་ཇི་སྲིད་བར་བེད་སྤྱོད་ཆོག ནང་འཇུག་སྐོར་བདག་གི་ཟིན་བྲིས་ངོས་ཀྱི་(མཉེན་ཆས་བེད་སྤྱོད་སྟངས་སྐོར་གྱི་ཤེས་བྱ)ཞེས་པར་གཟིགས་རོགས། 

No comments:

Post a Comment

Be happy