Header

Thursday 22 March 2012

Gtalk གཏམ་གླེང་མཉེན་ཆས་གྲགས་ཅན།

འདི་ནི་ google གཏམ་གླེང་མཉེན་ཆས་རེད། སྤྱིར་ཤར་ཕྱོགས་ཁུལ་ལས་རྒྱ་བལ་སོགས་སུ་འདི་ཉིད་བེད་སྤྱོད་མཁན་ཆེར་མང་པོ་མེད་ཀྱང་། བོད་ནང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འདི་ཉིད་བེད་སྤྱོད་མཁན་ཉུང་ཉུང་མ་རེད། འདིའི་ཚིག་སྡུད་ Gtalk ཞེས་འབོད་ཀྱི་ཡོད། སྤྱིར་མཉེན་ཆས་འདི་བོད་ཡིག་བེད་སྤྱོད་མཁན་ཚོར་ཆེས་ལེགས་པོ་ཞིག་དང་སྟབས་བདེ་ཞིག་ཡིན། འདི་བེད་སྤྱོད་པར་ཁྱེད་ལ་ཐོག་མར་ gmail མྱུར་འཕྲིན་ཁ་བྱང་ཡོད་དགོས། དེ་རྗེས་ཕབས་ལེན་བྱ་སྟེ་ Yahoo གཏམ་གླེང་དྲ་སྟེགས་བཞིན་བེད་སྤྱོད་ཆོག་ཀྱང་། འདིའི་དམིགས་བསལ་ཁྱད་བོན་ནི་ཐད་གཏོང་གཏམ་གླེང་གི་སྒྲ་གཙང་བ་དང་། བརྙན་རིས་སོགས་གསལ་བ། ཡིག་རིགས་སོགས་མཛེས་ཆ་དང་ལྡན་པ་སོགས་ཀྱི་དགེ་མཚན་ཡོད། 
གལ་སྲིད་ཁྱེད་ཀྱིས་ཁ་བྱང་འདིའི་རྒྱུད་ནས་མི་མང་པོ་ཞིག་ལ་གཏམ་གླེང་བྱ་དགོས་ཚེ་ Gtalk properties ནས་འགྲོ་སྟེ་ Startmenu ཞེས་པའི་ཡི་གེ་འདི་བརྗེ་གནང་དགོས་པས་ཟུར་གྱི་པར་རིས་ལྟར་གནང་རོགས། 
Click here འདིར་གནོན་ནས་ཕབས་ལེན་གནང་རོགས། to download

No comments:

Post a Comment

Be happy